ཁོའི་འཇོར་གུག་དེ་ཐུང་དྲགས་ཡོད་རེད།
His hoe was too short.
ཁོའི་ཁང་པའི་སྒོ་དེ་དམའ་དྲགས་ཡོད་རེད།
His doorway was too low.
ཁོའི་ཉལ་ཁྲི་ཐུང་དྲགས་ཡོད་རེད།
His bed was too short.
ཁོའི་རྐང་འཁོར་དམའ་དྲགས་ཡོད་རེད།
His bicycle was too short.
མི་འདི་གཟུགས་པོ་རིང་དྲགས་འདུག
This man was too tall!
ཁོས་འཇོར་གུག་གི་ཡུ་བ་རིང་པོ་བཟོས་པ་རེད།
He made a very long hoe handle.
ཁོས་སྒོ་མགོ་དེ་ཧ་ཅང་མཐོ་པོ་བཟོས་པ་རེད།
He made very high door frames.
ཁོས་ཉལ་ཁྲི་དེ་ཧ་ཅང་རིང་པོ་བཟོས་པ་རེད།
He made a very long bed.
ཁོས་རྐང་འཁོར་ཧ་ཅན་མཐོ་པོ་ཅན་ཞིག་ཉོས་པ་རེད།
He bought a very high bicycle.
ཁོ་རྐུབ་སྟེགས་ཧ་ཅང་མཐོ་པོ་ཞིག་གི་སྒང་བསྡད་ནས་ཚེབ་ཐུར་རིང་པོ་ཞིག་གིས་ཁ་ལག་བཟས་པ་རེད།
He sat on a very high chair. He ate with a very long fork.
ཁོས་རང་གི་ཁང་པ་བཞག་ནས་ཤིང་ནགས་ནང་དུ་ལོ་མང་པོར་བསྡད་པ་རེད།
He left his house and lived in a big forest. He lived for many years.